Esukhia / Admin

Geek Repo:Geek Repo

Github PK Tool:Github PK Tool

RFJ001(B) - ཡོ་རོབ་ཐུན་མོང་སྐད་ཡིག་ཚད་གཞི་རྩ་འཛིན་གྱི་ཡིག་ཆ་གཞིར་བཞག་ནས་གནས་ཚད་སོ་སོའི་ཡིག་ཚད་བཟོ་རྒྱུ།

wangmotamotsang opened this issue · comments

ལས་ཀའི་སྙན་ཞུ། RFJ title: RFJ005 ཡོ་རོབ་ཐུན་མོང་སྐད་ཡིག་ཚད་གཞི་རྩ་འཛིན་གྱི་ཡིག་ཆ་གཞིར་བཞག་ནས་གནས་ཚད་སོ་སོའི་ཡིག་ཚད་བཟོ་རྒྱུ།

ལས་ཀའི་སྦྱིན་བདག ༼མི་སྣ།༽ Job ordered by: ཀུ་མར་ཇཱི་ཝའི་ཇེ་ནི་ཧྥར། ནང་བསྟན་སྲི་ཞུ་ཁང་གི་ @ngawangtrinley དང་། @himalayanna
སློབ་སྟོན་པ། Advisor: @ngawangtrinley

འགན་འཁུར་བ། Job Owner's GitHub account: @wangmotamotsang

གནད་འགག་གི་དྲི་བ། Preliminary questions

དྲི་བའི་ལན་ལ་རེད་དང་མ་རེད་གང་རུང་བྲིས། Write YES or NO to the right of the question:

  1. ལས་ཀ་འདི་སྒྲུབ་དགོས་ངེས་ཞིག་རེད་དམ། Does this job really need to be done?: རེད།
  2. ལས་ཀ་འདི་སྦྱིན་བདག་གི་དགོས་མཁོ་སྐོང་བའི་ལས་ཐབས་ཡག་ཤོས་རེད་དམ། Is this job the best way to achieve the client's goal?: རེད།
  3. ང་ཚོ་ལས་ཀ་འདི་སྒྲུབ་མཁན་འཚམ་ཤོས་རེད་དམ། Are we the most appropriate organization to do the job?: རེད།
  4. ལས་ཀ་འདི་ནང་བསྟན་སྲི་ཞུ་ཁང་གི་ཁ་ཕྱོགས་དང་མཐུན་པོ་རེད་དམ། Would this work contribute to the mission of Esukhia?: རེད།
  5. ལས་ཀ་འདི་ནང་བསྟན་སྲི་ཞུ་ཁང་གིས་བསྒྲུབ་ན་ཁེ་ཕན་འདུག་གམ། Is this job worth doing for Esukhia?: འདུག

དྲི་ལན་ཆ་ཚང་ "རེད།" ཡིན་ན་ལས་ཀའི་སྙན་ཞུ་འདི་མུ་མཐུད་དུ་མཇུག་སྐྱོང་རོགས། If you answered yes for all answers, continue to the request for job (RFJ).

ལས་ཀའི་སྙན་ཞུ། Request for job

1. ངོ་སྤྲོད་མདོར་བསྡུས། Summary

སྐད་ཡིག་གཉིས་པ་སྦྱོང་མཁན་ཚོར་དམིགས་ཏེ། རྒྱལ་སྤྱིའི་རྩ་འཛིན་དང་མཐུན་པའི་རྒྱུགས་ཤོག་བཟོ་རྒྱུ།

2. ལས་ཀའི་རྒྱབ་ལྗོངས་དང་། དགོས་ངེས། དམིགས་འབེན། Background, Need and Objective

ལས་ཀའི་རྒྱབ་ལྗོངས།
ནང་བསྟན་སྲི་ཞུ་ཁང་། ལོ་མང་སྐད་ཡིག་གཉིས་པ་སློབ་ཐབས། ཁྲིད་ཆེད་སོགས་གང་ཙམ་ཞིག་ཡོད་ཀྱང་། ཚགས་ཚུད་ཅིག་མེད། ལྷག་པར་དུ་རྒྱལ་སྤྱིའི་རྩ་འཛིན་ཡིག་ཆ་ལ་གཞིར་བཞག་བྱས་ཏེ་ཡིག་རྒྱུགས་གཏོང་སྟངས་ཚད་ལྡན་ཞིག་དེ་བས་མེད།

དེའི་དགོས་ངེས།
བོད་ཕྱི་ནང་གཉིས་ཀྱི་ཚོགས་སྒེར་མང་པོས་རྒྱལ་སྤྱིའི་སྐད་ཡིག་ཚད་གཞིའི་རྩ་འཛིན་ཡིག་ཆ་གཞིར་བཞག་གི་ཡིག་རྒྱུགས་གཏོང་སྟངས་ཤིག་ཡོད་ན། བོད་ཀྱི་སྐད་ཡིག་དེ་རྒྱལ་སྤྱིའི་སྐད་ཡིག་གཞན་དང་འདྲ་མཉམ་གྱིས་རྒྱལ་སྤྱིའི་སྟེགས་བུའི་སྟེང་འགྲན་ཐུབ་པ་ཞིག་ཡོང་ཐུབ་ཆེད་དུ་ཡིན།

དགེ་མཚན།
གལ་ཏེ་རྒྱལ་སྤྱིའི་རྩ་འཛིན་གཞིར་བཞག་གི་ཡིག་རྒྱུགས་བཟོ་བ་ཡིན་ན། ཡིག་རྒྱུགས་གཏོང་མཁན་རྣམས་ལ་རྒྱལ་སྤྱིའི་འགྲོ་སྟངས་མཐུན་པའི་ཁེ་ཕན་བྱུང་བ་དང་གཅིག རྒྱལ་སྤྱིའི་འགྲོས་དང་མཐུན་པའི་སྐད་ཡིག་གཞི་འཛིན་སའི་ལག་འཁྱེར་ཐོབ་པ་དང་གཉིས། བོད་ཀྱི་སྐད་ཡིག་དང་འབྲེལ་བའི་ལས་ཀ་འཚོལ་མཁན་རྣམས་ལ་སྐད་ཡིག་གི་གནས་ཚད་རྟོགས་ཐུབ་པ་དང་གསུམ། སློབ་མར་མཚོན་ན་སློབ་སྦྱོང་གི་མཐུད་མཚམས་དང་། ཁ་ཕྱོགས། མ་འོངས་པ་གང་ཞིག་སྦྱོང་དགོས་མིན་བཅས་རྟོགས་ཐུབ་པ་དང་བཞི་བཅས་དགེ་མཚན་ཧ་ཅང་མང་པོ་ཡོད།

3. ཐབས་ལམ་གཞན། Other options

ཐབས་ལམ་གཞན་ཡོད། དེ་ཡང་རྒྱལ་སྤྱིའི་སྐད་ཡིག་ཚད་གཞིའི་རྩ་འཛིན་ཡིག་ཆ་ལ་གཞིགས་ནས། རྒྱ་ནག་ཏུ་ཡིག་ཚད་བཟོ་སྟངས། གཏོང་སྟངས་ཆ་འདྲ་བ་ཞིག་ཡོད་པ་དང་། དེ་བཞིན་ཨ་རིར་ ILR ཞེས་པ་དེར་གཞིགས་ནས་ཡིག་རྒྱུགས་གཏོང་སྟངས་དང་བཟོ་སྟངས་ཀྱི་འགྲོ་སྟངས་ཤིག་ཀྱང་ཡོད། དེ་ཙམ་མ་ཟད་སྐད་ཡིག་བྱེ་བྲག་རེ་རེར་ནང་དུའང་་ཡིག་རྒྱུགས་གཏོང་སྟངས་དང་། བཟོ་སྟངས་སོགས་ཀྱི་ཚད་གཞི་འཛིན་ས་ཡིག་ཆ་མ་འདྲ་བ་ཡོད།

ཐབས་ཤེས་གཞན་ཡོད་ཀྱང་བེད་སྤྱོད་མ་བྱེད་པའི་རྒྱུ་མཚན་ནི།
རྒྱལ་སྤྱིའི་སྐད་ཡིག་ཚད་གཞི་རྩ་འཛིན་ཡིག་ཆའི་ནང་དུ་ཡོད་པའི་ཡིག་རྒྱུགས་གཏོང་སྟངས་དང་། བཟོ་སྟངས་ནི་ཡོ་རོབ་མཐུན་ཚོགས་ནང་གི་རྒྱལ་ཁབ་འདྲ་མིན་ལ་ཡོད་པའི་སྐད་ཡིག་སྣ་མང་ལ་གཞིགས་ནས་བསྒྲིགས་པ་དང་། དེ་བཞིན་གཞུང་དང་གཙུག་ལག་སློབ་གཉེར་ཁང་། ཚོགས་པ་མང་པོས་སྤྱི་མོས་ཀྱི་ཐོག་ནས་ངོས་འཛིན་ཡོད་པ་དང་། རྒྱལ་སྤྱིའི་ནང་འགྲོ་རྒྱུགས་ཆེ་བ་ཞིག་ཡིན་སྟབས། ང་ཚོ་ལའང་རན་ཤོས་ཤིག་རེད།

4. མཐའ་འབྲས་ཀྱི་དམིགས་འབེན། Deliverable Targets

༡༽ ཡིག་ཚད་དྲི་བའི་མཛོད།

  • གནས་ཚད་རེ་རེར་དྲི་བའི་མཛོད་རེ་རེ་དགོས།
  • དྲི་བའི་མཛོད་ནང་དུ་དྲི་ཤོག་གི་སྡེ་ཚན་རེ་རེའི་ནང་གསེས་རེར་ཉུང་མཐར་དྲི་བ་བཅོ་ལྔ་རེ་དགོས།
  • དྲི་ཤོག་གི་འགྲོ་སྟངས་ནི་ཁེམ་སྦེ་རེ་ཇིས་ཨིན་ཇི་ཡིག་ཚད་གནས་ཚད་གཞིར་བཞག་གི་དྲི་ཤོག་ཅིག་བཟོ་དགོས།

༢༽ མཉམ་བསྲེས་དྲི་ཤོག

  • མཉམ་བསྲེས་དྲི་ཤོག་གི་རྣམ་བཞག་གཙང་མ་ཞིག་དགོས།
  • མཉམ་བསྲེས་དྲི་ཤོག་ལག་བསྟར་བྱེད་ཆོག་ཆོག་ཅིག་ཡོད་དགོས།

༣༽ ཡིག་ཚད་ཐོབ་སྐར་འགེངས་ཤོག

  • གནས་ཚད་རེ་རེའི་ཡིག་ཚད་ཐོབ་སྐར་གྱི་འགེངས་ཤོག

5. ཚད་གཞི་འགྲེལ་བཤད་དང་དཔེ་མཚོན། Unit Definition and Examples

གནས་ཚད་རེ་རེའི་དྲི་ཤོག་ནང་དུ་དྲི་བའི་སྡེ་ཚན་མང་ཉུང་དང་། དྲི་བ་མང་ཉུང་། དྲི་བའི་རིགས་མི་འདྲ་བ། ཡིག་རྒྱུགས་ཀྱི་དུས་ཡུན་མི་འདྲ་བ་སོགས་ཀྱི་ཁྱད་པར་ཡོད། འོག་གི་དཔར་རིས་སུ་ཡོད་པ་ནི་གནས་རིམ་དང་པོའི་དྲི་ཤོག་གི་སྒྲོམ་གཞི་རེད། གནས་ཚད་རེ་རེར་དྲི་བ་མ་བཟོ་སྔོན་ལ། པར་རིས་ལྟར་དྲི་ཤོག་གི་སྒྲོམ་གཞི་རེ་རེར་ངེས་པར་དུ་བཟོ་དགོས།

image

རྒྱུགས་ཤོག་གི་དྲི་བ་རེ་རེའི་དཀའ་ལོད་ནི། གང་ལ་དམིགས་པའི་གནས་ཚད་སོ་སོ་དང་འོས་མཚམ་ཞིག་ཡོད་མེད་ཚད་གཞི་འཇལ་ཆེད་དུ། ཐབས་ལམ་ཞིག་གཏན་འབེབས་བྱེད་དགོས་པར་སོང་། གཤམ་གྱི་དྲ་ཐག་ཏུ་ཡོད་པའི་ཡོ་རོབ་སྐད་ཡིག་ཐུན་མོང་གི་ཚད་གཞིའི་རྩ་འཛིན་ཡིག་ཆའི་ཤོག་གྲངས་ ༥༦ ལ་ངེས་པར་གཞིར་བཞག་བྱེད་དགོས།

6. ཚད་བཀག Constraints

*འོག་གི་ཞབས་ཞུ་རིགས་གསུམ་ལས་གང་རུང་གཅིག་འདེམས་ནས་✅འགྲིག་རྟགས་འདི་རྒྱོབས། Pick one of the 3 following options and add✅ *

  • སྤུས་ལེགས། ཁེ་པོ། ཧ་ཅང་འགོར་པོ། Good & Cheap won't be Fast ✅
  • མགྱོགས་པོ། སྤུས་ལེགས། གོང་ཆེན། Fast & Good won't be Cheap
  • ཁེ་པོ། མགྱོགས་པོ། སྤུས་ཀ་ཞན་པོ། Cheap & Fast won't be Good

འོག་གི་ཚན་པ་གསུམ་དེ་ཁ་གསལ་དོན་བསྡུས་རེ་ཕྲིས། Fill in the following.

  • 🕑 དུས་བཀག Deadline: སྤྱི་ལོ་ ༢༠༢༢ ཟླ་ ༡༢ ཚེས་ ༣༠།
  • 💵 འགྲོ་སོང་གི་མང་མཐའ། Budget limit: མི་གཅིག་ལ་ཟླ་བ་དྲུག་གི་གླ་ཆ་ཡོད།
  • 👌 དམའ་མཐའི་སྤུས་ཚད། Minimum Quality : སྤུས་ཁ་ཧ་ལས་པའི་ཡག་པོ།

7. བརྡ་ཆད་ཀྱི་འགྲེལ་བཤད། Keyword definitions

རྒྱལ་སྤྱིའི་སྐད་ཡིག་ཚད་གཞིའི་རྩ་འཛིན། (CEFR) : ཉིས་སྟོང་ཉི་ཤུ་ལོར་པར་བསྐྲུན་གནང་བའི་རྒྱལ་སྤྱིའི་སྐད་ཡིག་ཚད་གཞིའི་རྩ་འཛིན་ཡིག་ཆ་ལ་གོ་དགོས། ཐོན་རྙིང་པའི་རིགས་ལ་མི་གོ
ཡིག་ཚད་ཐོབ་སྐར་འགེངས་ཤོག (Test rubric) : ཡིག་ཚད་གྲུབ་འབྲས་ག་ཚོད་ལེན་ཐུབ་ཡོད་མེད་ལྟ་བྱེད་ཀྱི་རེའུ་མིག་ཞིག་ཡིན། ཁེམ་སྦེ་རེ་ཇེས་ཡིག་ཚད་འགེངས་ཤོག་དཔེ་མཚོན་དང་འདྲ་པོ་ཡིན་དགོས།
ཡིག་ཚད་དྲི་ཤོག (Level Test Question Paper) : ཡིག་ཚད་དྲི་ཤོག་ལ་སྡེ་ཚན་ལྔ་སྟེ་བཤད་རྩལ། ཀློག་རྩལ། འབྲི་རྩལ། ཉན་རྩལ། གླེང་མོལ་རེ་རེ་བཞིན་ཚང་དགོས་པ་མ་ཟད། སྡེ་ཚན་རེར་ནང་གསེས་དྲི་བ་བཞི་རེ་ཡོད་དགོས། འདིའི་དཔེ་མཚོན་ནི་ཁེམ་སྦེ་རེ་ཇིས་ཨིན་ཇི་ཡིག་ཚད་དྲི་ཤོག་ལྟར་ཡིན་དགོས།
ཡིག་ཚད་ཀྱི་དྲི་བའི་མཛོད། (Question Bank) : ཡིག་ཚད་ཀྱི་དྲི་ཤོག་གི་གྲུབ་ཆའི་རིམ་པ་ལྟར་སྡེ་ཚན་རེ་རེའི་ནང་གསེས་རེར་དྲི་བ་བཅོ་ལྔ་རེ་ཡོད་དགོས། སྡེ་ཚན་རེརེ་དྲི་བ་དྲུག་ཅུ་ཡོད་དགོས། སྡེ་ཚན་ལྔ་མཉམ་དུ་བསྡོམས་པས་དྲི་བ་སུམ་རྒྱ་ཅན་གྱི་ཡིག་ཚད་ཀྱི་དྲི་བའི་མཛོད་ཡོད་དགོས།
ཡིག་ཚད་དྲི་ཤོག་ཀྱི་གྲུབ་ཆ། (Question paper layout) : ཡིག་ཚད་དྲི་ཤོག་མ་བཟོས་པའི་སྔོན་ལ་ངེས་པར་གྲ་སྒྲིག་བྱེད་དགོས་པའི་ཡིག་ཆ་ཞིག་ཡིན། འདིའི་ནང་ཡིག་ཚད་ཀྱི་དྲི་ཤོག་གཅིག་གི་ནང་ལ་དྲི་བའི་སྡེ་ཚན་ག་ཚོད་ཡོད་མེད། ནང་གསེས་དྲི་བ་ག་ཚོད་ཡོད་མེད། དྲི་བའི་རིགས་ག་རེ་ཡིན་མིན། བརྒྱ་ཆ་ག་ཚོད་ཐོབ་མིན། བརྒྱ་ཆ་སྤྲོད་སྟངས་ག་འདྲ་ཡིན་མིན། བྱེད་ནུས་གསལ་བྱེད་ག་རེ་ཡིན་མིན་སོགས་གསལ་བའི་ཡིག་ཆ་རེའུ་མིག་ཅན་ཞིག་ལ་ཟེར།
ཡིག་ཚད་དྲི་ཤོག་ཀྱི་དྲི་བའི་རིགས། (question type) : སྡེ་ཚན་རེ་རེའི་རྩལ་མ་འདྲ་བ་ཡིན་པར་སོང་དྲི་བའི་རིགས་འང་མ་འདྲ་བ་ཡིན་དགོས། ཡིག་ཆ་འདིའི་སྡེ་ཚན་རེ་རེའི་ནང་གསེས་ལ་དྲི་བ་རིགས་ག་ཚོད་ཡོད་མེད། དྲི་བ་རིགས་རེ་རེའི་དམིགས་ཡུལ་ག་རེ་ཡིན་མིན་སོགས་གསལ་བ་ཡིན།
མཉམ་བསྲེས་དྲི་ཤོག (Randomized question paper) : ཡིག་རྩལ་འབྲི་སྐབས་དྲི་ཤོག་འདེམས་སྒྲིག་མ་ལག་གི་རང་འགུལ་གྱིས་དྲི་བའི་མཛོད་ནས་དྲི་བའི་སྡེ་ཚན་དང་ནང་གསེས་སོ་སོའི་དྲི་བ་རེ་འདེམས་ནས་དྲི་ཤོག་གི་གྲུབ་ཡོང་བ་ཞིག་ལ་ཟེར། སྐབས་འདིར་དྲི་ཤོག་འདེམས་སྒྲིག་མ་ལག་འདིས་དྲི་བའི་མཛོད་ནས་སྡེ་ཚན་དང་ནང་གསེས་སོ་སོའི་དྲི་བ་ཁག་བླངས་ནས་དྲི་ཤོག་གཅིག་བཟོས་ཡོང་བ་ཡིན།

8. ངེས་མེད་ཀྱི་གནད་དོན། Unknowns

  • ཁེམ་སྦེ་རེ་ཇིས་ཨིན་ཇི་ཡིག་ཚད་ཀྱི་གནས་ཚད་སྔོན་འགྲོ་དང་། གནས་ཚད་དང་པོ། གནས་ཚད་གཉིས་པའི་ནང་དུ་པར་རིས་ཧ་ཅང་མང་པོ་བེད་སྤྱོད་བྱས་འདུག ང་ཚོར་མཁོ་བའི་དཔར་རིས་ཐོབ་དཀའ་བ་སོང་། རི་མོ་བ་ཞིག་བྱུང་ན་ཧ་ལས་པའི་ཡག་པོ་ཡོང་ས་རེད།