Esukhia / Admin

Geek Repo:Geek Repo

Github PK Tool:Github PK Tool

RFJ005 - བསླབ་གཞི་(ཨ་ར་པ་ཙ་)དང་ཡིག་རྒྱུགས་ཀྱི་དྲི་ཤོག་ཏུ་བརྙན་དང་། པར་རིས། མགུལ་རིས་གསར་པ་བཟོ་སྒྲིག་དང་ཡར་རྒྱས་གཏོང་རྒྱུ། Graphic

wangmotamotsang opened this issue · comments

ལས་ཀའི་སྙན་ཞུ། RFJ title: RFJ004 བསླབ་གཞི་(ཨ་ར་པ་ཙ་)དང་ཡིག་རྒྱུགས་ཀྱི་དྲི་ཤོག་ཏུ་བརྙན་དང་། པར་རིས། མགུལ་རིས་གསར་པ་བཟོ་སྒྲིག་དང་ཡར་རྒྱས་གཏོང་རྒྱུ།

ལས་ཀའི་སྦྱིན་བདག ༼མི་སྣ།༽ Job ordered by: ཀུ་མར་ཇཱི་ཝའི་ཇེ་ནི་ཧྥར། ནང་བསྟན་སྲི་ཞུ་ཁང་གི་ @ngawangtrinley དང་། @himalayanna

སློབ་སྟོན་པ། Advisor: Dani,

འགན་འཁུར་བ། Job Owner's GitHub account: @wangmotamotsang

གནད་འགག་གི་དྲི་བ། Preliminary questions
དྲི་བའི་ལན་ལ་རེད་དང་མ་རེད་གང་རུང་བྲིས། Write YES or NO to the right of the question:

ལས་ཀ་འདི་སྒྲུབ་དགོས་ངེས་ཞིག་རེད་དམ། Does this job really need to be done?: རེད།
ལས་ཀ་འདི་སྦྱིན་བདག་གི་དགོས་མཁོ་སྐོང་བའི་ལས་ཐབས་ཡག་ཤོས་རེད་དམ། Is this job the best way to achieve the client's goal?: རེད།
ང་ཚོ་ལས་ཀ་འདི་སྒྲུབ་མཁན་འཚམ་ཤོས་རེད་དམ། Are we the most appropriate organization to do the job?: རེད།
ལས་ཀ་འདི་ནང་བསྟན་སྲི་ཞུ་ཁང་གི་ཁ་ཕྱོགས་དང་མཐུན་པོ་རེད་དམ། Would this work contribute to the mission of Esukhia?: རེད།
ལས་ཀ་འདི་ནང་བསྟན་སྲི་ཞུ་ཁང་གིས་བསྒྲུབ་ན་ཁེ་ཕན་འདུག་གམ། Is this job worth doing for Esukhia?: འདུག

དྲི་ལན་ཆ་ཚང་ "རེད།" ཡིན་ན་ལས་ཀའི་སྙན་ཞུ་འདི་མུ་མཐུད་དུ་མཇུག་སྐྱོང་རོགས། If you answered yes for all answers, continue to the request for job (RFJ).

ལས་ཀའི་སྙན་ཞུ། Request for job

1. ངོ་སྤྲོད་མདོར་བསྡུས། Summary

ཨ་ར་པ་ཙའི་དྲ་རྒྱའི་ནང་གི་པར་དང་་། མགུལ་རིས། བརྙན་ཐུང་རྣམས་གསར་པ་བཟོ་སྒྲིག་བྱས་ཏེ། སློབ་ཕྲུག་རྣམས་ཀྱིས་དགེ་རྒན་ལ་མ་ལྟོས་པར་རང་ངོས་ནས་སློབ་སྦྱོང་བྱེད་ཐུབ་ཅིང་། ཡིག་རྒྱུགས་ཀྱི་དྲི་ཤོག་ཏུ་གནས་རིམ་འདྲ་མིན་ལ་གཞིགས་ནས་རི་མོ་དང་། མགུལ་རིས་ཁ་སྣོན་བྱེད་རྒྱུ།

2. ལས་ཀའི་རྒྱབ་ལྗོངས་དང་། དགོས་ངེས། དམིགས་འབེན། Background, Need and Objective

ལས་ཀའི་རྒྱབ་ལྗོངས། (དཀའ་ངལ།)

  • ནང་བསྟན་སྲི་ཞུ་ཁང་གི་བསླབ་གཞི་ནི་ལོ་བཅུ་ཙམ་ཞིག་སྔོན་ནས་ཕྱོགས་བསྡུས་བྱས་པ་ཞིག་ཡིན་སྟབས། ད་ཕན་དེང་དུས་དང་མཐུན་པ་ཞིག་བཟོ་སྒྲིག་བྱེད་རྒྱུ་མ་བྱུང་བས་དེར་ཁ་གསབ་བྱེད་དགོས་པའི་གལ་གནད་ཅིག་ཏུ་མཐོང་།
  • ནང་བསྟན་སྲི་ཞུ་ཁང་དུ་འགྲོ་སྟངས་ཤིག་ནི། མྱུར་སྦྱོང་འཛིན་གྲྭའི་སྐབས་དགེ་སློབ་གཉིས་ཀས་ཁྲིད་གཞི་ནི་སློབ་དེབ་བམ་ཁྲིད་ཆས་ཆགས་ཀྱི་ཡོད་ཀྱང་། སློབ་མས་རང་སྦྱོང་གི་ཚུལ་དུ་སྔོན་ཚོད་ནས་སློབ་སྦྱོང་བྱས་ཏེ་འཛིན་གྲྭར་མཉམ་ཞུགས་བྱེད་ཀྱི་ཡོད་པར་སོང་། དགེ་རྒན་མ་ལྟོས་པར་སློབ་མའི་རང་ངོས་ནས་ཚིག་གསར་ཤེས་རྒྱུའི་མཐུན་རྐྱེན་ཞིག་སྦྱོར་ཐུབ་ན་ཕན་ཐོགས་ཡོང་ངེས་པ་ཞིག་རེད།
  • ང་ཚོས་སློབ་དེབ་སྒྲིག་སྦྱོར་ཆེད་དྲ་རྒྱའི་ནང་དགོས་མཁོའི་དཔར་འཚོལ་སྐབས། རི་མོའི་བཟོ་ལྟ་དང་རི་མོ་འབྲི་སྟངས་མ་མཐུན་པ་དང་ཆ་མ་སྙོམས་པའི་དཀའ་ངལ་རབ་དང་རིམ་པ་ཕྲད་པར་བརྟེན། དེ་དག་སེལ་ཆེད་དུ་བཟོ་སྒྲིག་པ་ཆེད་ལས་ཤིག་བྱུང་ན་དམིགས་ཡུལ་ཇི་བཞིན་སྐོང་ཐུབ་པའི་རེ་བ་བྱེད་ཀྱི་ཡོད།
  • སློབ་དེབ་ལྟ་བུར་མཚོན་ན། ཐ་སྙད་ཅིག་ངོ་སྤྲོད་ཀྱི་ཆེད་དུ་དཔར་འདེམས་སྐབས། འབྲེལ་ཡོད་དེ་རང་ལས་དཔར་རིས་ནང་རྙག་རྙོག་མང་པོ་བྱུང་ན། སློབ་མར་མགོ་རྙོག་དང་ཚིག་གསར་མང་དྲག་པའི་དཀའ་ངལ་ཕྲད་ངེས་ཤིག་རེད།
  • དྲ་རྒྱའི་ལམ་ནས་ཚིག་སྒྲུབ་དང་། བྱ་ཚིག སྐད་ཆ་ཤོད་སྟངས་མཚོན་ཆེད་ཀྱི་དཔར་རིས་མང་པོ་ཞིག་རག་ཐབས་དཀའ་བས། དེའི་ཐབས་ལམ་དུ་བརྗོད་གཞི་དང་མཚམ་པའི་རི་མོ་བྲིས་ཏེ་བསྟན་དོན་མཚོན་ཐུབ་པ་བྱེད་དགོས།
  • ཆེད་མངགས་བཟོ་སྒྲིག་པ་ཞིག་ལ་མ་ལྟོས་ན། གནས་རིམ་སོ་སོའི་སློབ་ཚན་གྱི་སྡེ་ཚན་མ་འདྲ་བ་དང་དཔར་རིས་ལའང་བསྒྱུར་བ་མང་པོ་ཞིག་ཐེབས་ཀྱི་ཡོད་སྟབས། སློབ་ཚན་མགོ་ནས་མཇུག་བར་མི་བྱེ་བྲག་གཅིག་གི་མིང་དང་། གཤིས་ཀ། བྱ་སྤྱོད་སོགས་བདེ་སྤྱོད་བྱེད་ན། སློབ་མར་ཤེས་སླ་བ་དང་། བློར་ངེས་ཐུབ་པའི་དགེ་མཚན་ཆེན་པོ་ཞིག་ཏུ་སྣང་། (དཔེར་ན། གནས་རིམ་དང་པོར་སྒྲོལ་མའི་སྐོར་ཚིག་ལས་སླ་པོ་བེད་སྤྱོད་བྱེད་ནས་ངོ་སྤྲོད་བྱེད་ན། གནས་རིམ་གཉིས་པར་སྒྲོལ་མ་དང་འབྲེལ་བའི་ངོ་སྤྲོད་ཅུང་རྒྱས་པ་བཤད་པ་སོགས། གནས་རིམ་དང་པོ་་དང་མཐའ་མ་བར་སྒྲོལ་མའི་ངོ་སྤྲོད་དང་བྱ་སྤྱོད་རང་གི་ཐོག་གླེང་བ་ལྟ་བུའོ།།)
  • ཚིག་གསར་བྱང་བུ་ནང་དུ་སློབ་ཚན་རང་དང་འབྲེལ་ཡོད་ཀྱི་དཔར་དང་བརྙན་བཞག་ན། ཐ་སྙད་གསར་པ་བློ་འཛིན་བྱེད་བདེ་བ་དང་། དེ་ལྟར་མ་ཡོང་བ་ན་བློ་འཛིན་བྱེད་ཁག་པའི་དཀའ་ངལ་ཡོད།

དགོས་ངེས།

  • དེ་བཞིན་དེང་དུས་སྤྱི་ཚོགས་ཀྱི་འཚོ་བ་དངོས་དང་འབྲེལ་བ་ཡོད་པ་མང་པོ་ཞིག་རི་མོ་དང་། བརྙན་ཐུང་། དཔར་རིས་ཀྱི་ལམ་ནས་གསལ་འདོན་དང་བཟོ་སྒྲིག་བྱེད་ན། སློབ་མར་ལག་ལེན་དངོས་ཕན་ཐོགས་ཡོད་པ་དང་མགྱོགས་མྱུར་ཤེས་ཐུབ་པའི་དགེ་མཚན་ཡོད། (དཔེར་ན། མི་ཡིས་ཇུས་གཏོགས་དང་ཅི་འཕྲོས་མོལ་འཕྲོས་བཤད་སའི་བརྗོད་གཞི་ཞིག་བདམས་ནས་དེའི་ཐོག་དཔར་དང་། རི་མོ། བརྙན་ཐུང་འཚོལ་བསྡུ་བྱེད་ནས་བཀོད་པ་ན་སློབ་མར་འཇུག་བདེ་བ་ཞིག་ཡོང་ངེས་པ་རེད།)
  • ནང་བསྟན་སྲི་ཞུ་ཁང་དུ་སློབ་མས་སྔོན་ཚོད་ནས་ནང་སྦྱོང་བྱེད་ནས་འཛིན་གྲྭ་ཚོགས་ཀྱི་ཡོད་སྟབས། སློབ་ཚན་སྤུ་ལེགས་ཤིག་བསྒྲིགས་མ་ཐུབ་ན་སློབ་ཕྲུག་རྣམས་ཉོབ་སྣང་དང་། ཡར་རྒྱས་འགྲོ་ཁག་པ་སོགས་ཀྱི་དཀའ་ངལ་བྱུང་ངེས་པ་ཞིག་རེད། དེར་བརྟེན་བསླབ་གཞིར་རི་མོ་དང་། བརྙན་ཐུང་། དཔར་རིས་སོགས་ཇི་ཙམ་བདེ་སྤྱོད་མང་བ་ན་དེ་ཙམ་གྱི་སློབ་མར་སྤྲོ་སྣང་བྱུང་བ་དང་། མ་འོངས་པར་བསླབ་གཞི་རྣམས་བོད་ཀྱི་སྐད་ཡིག་སྦྱོང་མཁན་གྱི་ཕྱི་རྒྱལ་བ་དང་བོད་པའི་སློབ་ཕྲུག་སུ་ཞིག་ཡིན་ནའང་དེར་ཐད་པ་ཞིག་ཡོང་བས་དགེ་མཚན་བླ་ལྷག་ཏུ་ཆེ།

དམིགས་ཡུལ།
བསླབ་གཞི་ཚད་དང་ལྡན་པ་ཞིག་ཆགས་ནས་སློབ་མར་ཕན་ཐོགས་པ་ཞིག་ཡོང་བ།

3. ཐབས་ལམ་གཞན། Other options

  1. དགེ་རྒན་རྣམས་ཀྱིས་གྷོ་གྷལ་ནང་དུ་པར་དང་བརྙན་འཚོལ་ཡང་ཡག་པོ་ཞིག་ཡོང་མེད།
  2. རི་མོ་གསར་པ་བྲིས་བཅུག་པ་དེ་ཡང་གོང་ཆེན་ཞིང་འདོད་པ་ཁ་སྐོང་ཐུབ་པ་ཞིག་མ་བྱུང་བ།
  3. སློབ་མའི་ངོས་ནས་གནས་ཚད་དང་པོ་དེ་བསྒྲིགས་སྦྱོར་བྱས་ཀྱང་། བོད་པའི་སྐད་ཆ་ཤོད་སྟངས་དང་འཚམ་པ་ཞིག་མ་ཡོང་བ།

4. མཐའ་འབྲས་ཀྱི་དམིགས་འབེན། Deliverable Targets

སློབ་ཚན་རེ་རེར་ཚིག་གསར་ངོ་སྤྲོད་ཀྱི་རི་མོ་དང་། ཚོག་སྒྲུབ་ངོ་སྤྲོད་ཆེད་མགུལ་རིས་དང་བརྙན་ཐུང་། ཚིག་གསར་བྱང་བུ་སྔ་མ་དང་མཐུན་ཏེ་སྒྲིག་སྦྱོར་བྱེད་དགོས།

5. ཚད་གཞི་འགྲེལ་བཤད་དང་དཔེ་མཚོན། Unit Definition and Examples

  1. གནས་ཚད་སྔ་ཕྱིའི་རི་མོ་འབྲི་སྟངས་མཐུན་པ་དང། གྲ་ཆགས་པོ།
  2. སློབ་ཕྲུག་གིས་པར་རིས་རེ་རེ་ལ་ལྟ་ནས་ནང་དོན་སེམས་ལ་འཆར་བ་ཞིག་དགོས།
  3. དགེ་རྒན་དང་ཚིག་མཛོད་ལ་མ་ལྟོས་པར་སློབ་ཚན་བྱེ་བྲག་གི་ནང་དོན་མ་ལྟོས་པར་སློབ་ཚན་གྱི་ཐ་སྙད་བརྒྱ་ཆ་ ༧༠ མ་མཐར་ཤེས་དགོས་པ།
  4. ཐ་སྙད་ངོ་སྤྲོད་ཀྱི་རི་མོ་དང་། བརྙན་ཐུང་། མགུལ་རིས་རྣམས་མི་རིགས་ཕལ་ཆེ་བས་སླད་མར་རྟོགས་ཐུབ་པ་ཞིག་ངེས་པར་དུ་དགོས།

6. ཚད་བཀག Constraints

*འོག་གི་ཞབས་ཞུ་རིགས་གསུམ་ལས་གང་རུང་གཅིག་འདེམས་ནས་✅འགྲིག་རྟགས་འདི་རྒྱོབས། Pick one of the 3 following options and add✅ *

  • སྤུས་ལེགས། ཁེ་པོ། ཧ་ཅང་འགོར་པོ། Good & Cheap won't be Fast
  • མགྱོགས་པོ། སྤུས་ལེགས། གོང་ཆེན། Fast & Good won't be Cheap
  • ཁེ་པོ། མགྱོགས་པོ། སྤུས་ཀ་ཞན་པོ། Cheap & Fast won't be Good ✅

འོག་གི་ཚན་པ་གསུམ་དེ་ཁ་གསལ་དོན་བསྡུས་རེ་ཕྲིས། Fill in the following.

  • 🕑 དུས་བཀག Deadline:
  • 💵 འགྲོ་སོང་གི་མང་མཐའ། Budget limit:
  • 👌 དམའ་མཐའི་སྤུས་ཚད། Minimum Quality : སློབ་མས་བརྙན་ཐུང་དང་། རི་མོ། དཔར་རིས་རྣམས་མཐོང་བ་ཙམ་གྱི་བརྗོད་གཞི་འདི་དང་འབྲེལ་ཡོད་འདི་ལབ་ཀྱི་འདུག་ཅེས་ཁྲ་ལམ་མེར་འཆར་ཐུབ་པ་ཞིག་དགོས།

7. བརྡ་ཆད་ཀྱི་འགྲེལ་བཤད། Keyword definitions

  • ཚིག་གསར་བྱང་བུ།
  • མགུལ་རིས།
  • བརྙན་ཐུང་།
  • རི་མོ།
  • དཔར་རིས།

8. ངེས་མེད་ཀྱི་གནད་དོན། Unknowns

  • མགུལ་རིས་བཟོ་སྒྲིག་བྱེད་རྒྱུར་ཚགས་ཚུད་མ་བྱུང་ན། ཡང་སེ་བསྐྱར་ཞིབ་བྱེད་དེ་སྤུས་ཀ་གང་ལེགས་ཤིག་ཡོད་དགོས།
  • བསླབ་གཞིའི་ལས་འཆར་ལ་མང་པོ་འགོར་ནས་དྲི་ཤོག་ནང་པར་རིས་དང་། བརྙན་ཐུང་། རི་མོ་བཟོ་སྒྲིག་བྱེད་མ་ཐུབ་ན། བསླབ་གཞི་དེ་གལ་ཆེ་བ་སོང་ཙང་དེར་གཙོ་གནད་བྱེད་དགོས་པ་དང་། དྲི་ཤོག་ལ་མ་ཡོང་ན་རོགས་པ་འཕར་མ་དང་ཐབས་ཤེས་གཞན་ཡོང་ཐབས་བྱེད་རྒྱུ།
  • ལས་འཆར་གྱི་ཆེད་དུ་ཉིན་རེར་ཆུ་ཚོད་གཉིས་དང་གསུམ་ལས་གཏོང་རྒྱུ་དཀའ་ལས་ཁག་སྟབས། དུས་ཚོད་ལ་མ་ཚར་བ་བྱུང་ན། ཆུ་ཚོད་ག་ཚོད་གཏོང་བ་དེ་བརྙན་བཟོ་སྒྲིག་ཡང་ན། དཔར་རིས། རི་མོ་སོགས་བྱེ་བྲག་གཅིག་ལ་ཤུགས་ནོན་བྱེད་ཅིང་། གཞན་རྣམས་ལ་ལས་རོགས་གཞན་འཚོལ་ན་འགྲིག་གི་རེད།
  • ལས་རོགས་གཞན་ལེན་ན་འགྲིག་གི་རེད་པས། རེད།