Esukhia / Admin

Geek Repo:Geek Repo

Github PK Tool:Github PK Tool

RFJ001 - ཡོ་རོབ་ཐུན་མོང་སྐད་ཡིག་ཚད་གཞིའི་རྩ་འཛིན་ཡིག་ཆ་ལས་བྱེད་ནུས་གསལ་བྱེད་བོད་སྒྱུར་བྱས་པ་དག་ལ་བསྐྱར་ཞིབ་བྱེད་རྒྱུ།

wangmotamotsang opened this issue · comments

ལས་ཀའི་སྙན་ཞུ། RFJ title: RFJ001

ལས་ཀའི་སྦྱིན་བདག (མི་སྣ།) Job ordered by: ཀུ་མར་ཇཱི་ཝའི་ཇེ་ནི་ཧྥར། ནང་བསྟན་སྲི་ཞུ་ཁང་གི་ @ngawangtrinley དང་། @himalayanna

སློབ་སྟོན་པ། Advisor : @ngawangtrinley

འགན་འཁུར་བ། Job Owner's GitHub account: @wangmotamotsang

གནད་འགག་གི་དྲི་བ། Preliminary questions

དྲི་བའི་ལན་ལ་རེད་དང་མ་རེད་གང་རུང་བྲིས། Write YES or NO to the right of the question:

  1. ལས་ཀ་འདི་སྒྲུབ་དགོས་ངེས་ཞིག་རེད་དམ། Does this job really need to be done?: རེད།
  2. ལས་ཀ་འདི་སྦྱིན་བདག་གི་དགོས་མཁོ་སྐོང་བའི་ལས་ཐབས་ཡག་ཤོས་རེད་དམ། Is this job the best way to achieve the client's goal?: རེད།
  3. ང་ཚོ་ལས་ཀ་འདི་སྒྲུབ་མཁན་འཚམ་ཤོས་རེད་དམ། Are we the most appropriate organization to do the job?: རེད།
  4. ལས་ཀ་འདི་ནང་བསྟན་སྲི་ཞུ་ཁང་གི་ཁ་ཕྱོགས་དང་མཐུན་པོ་རེད་དམ། Would this work contribute to the mission of Esukhia?: རེད།
  5. ལས་ཀ་འདི་ནང་བསྟན་སྲི་ཞུ་ཁང་གིས་བསྒྲུབ་ན་ཁེ་ཕན་འདུག་གམ། Is this job worth doing for Esukhia?: འདུག

དྲི་ལན་ཆ་ཚང་ "རེད།" ཡིན་ན་ལས་ཀའི་སྙན་ཞུ་འདི་མུ་མཐུད་དུ་མཇུག་སྐྱོང་རོགས། If you answered yes for all answers, continue to the request for job (RFJ).

ལས་ཀའི་སྙན་ཞུ། Request for job

1. ངོ་སྤྲོད་མདོར་བསྡུས། Summary

སྐད་ཡིག་གཉིས་པ་སྦྱོང་མཁན་དང་སློབ་མཁན་ཚོར་གནས་ཚད་ཀྱི་ཚད་གཞིའི་འཇལ་ཐུབ་ཆེད་དུ། དབྱིན་སྐད་ཐོག་གི་བྱེད་ནུས་གསལ་བྱེད་རྣམས་བོད་བསྒྱུར་བྱས་ཟིན་པ་རྣམས་ཚིག་དོན་བསྐྱར་ིབ་དང་། གོ་བདེ་བ། བོད་པའི་འཚོ་བ་དང་མཐུན་པ་ཞིག་སྒྱུར་རྒྱུ།

2. ལས་ཀའི་རྒྱབ་ལྗོངས་དང་། དགོས་ངེས། དམིགས་འབེན། Background, Need and Objective

རྒྱབ་ལྗོངས་ཀྱི་ལོ་རྒྱུས།
ནང་བསྟན་སྲི་ཞུ་ཁང་གིས་གཙོ་འགན་འོག་ཕྱི་ལོ་ ༢༠༡༥ ལོར་ང་ཚོའི་ཚོགས་པ་(Esukhia)དང་། བོད་ཀྱི་དཔེ་མཛོད་ཁང(ཡིག་བསྒྱུར་སྡེ་ཚང་ཆ་ཚང།)། བོད་གཞུང་ཤེས་རིག་ལས་ཁུངས་(ཤེས་རིག་ལས་བྱེད་བཞི་ཙམ་)བཅས་ཀྱིས་མཉམ་ལས་བྱས་ཏེ། ཕྱི་ལོ་ ༢༠༡༥ ལོར་རྒྱལ་སྤྱིའི་ཚད་གཞིའི་རྩ་འཛིན་གྱི་ཡིག་ཆ་དེ་བོད་བསྒྱུར་བྱས་ཀྱང་འཐུས་ཚང་ཞིག་བྱུང་མེད་པ་དང་། དེ་ཡང་རྒྱལ་སྤྱིའི་ཚད་གཞིའི་རྩ་འཛིན་གྱི་ཡིག་ཆ་(CEFR) ནང་གི་བྱེད་ནུས་གསལ་བྱེད་སྒྱུར་རྒྱུའི་ཐབས་ཤེས་རབ་དང་རིམ་པ་བྱས་པ་མ་ཟད། ལོ་བཅུའི་རིང་བེད་སྤྱོད་ཀྱང་བྱས་ཡོད་པ་རེད། ཡིན་ནའང་། CEFR གི་གོ་དོན་འཐུས་ཚང་ཞིག་མ་རྟོགས་པ་དང་གཅིག བོད་བསྒྱུར་བྱས་པ་རྣམས་ཀྱང་གོ་བ་ཏག་ཏག་ཅིག་མ་ལོན་པ་དང་གཉིས། དེས་འབྲེལ་ཡོད་རྣམས་ལའང་ངོ་སྤྲོད་ཁ་གསལ་ཞིག་མ་བྱུང་བ་དང་གསུམ། དེ་ལ་བསྟུན་ནས་རེ་བ་བྱེད་པ་བཞིན་བཀོལ་སྤྱོད་ཀྱང་མ་ཐུབ་པའི་དཀའ་ངལ་མང་པོ་ཞིག་འཕྲད་ཡོད།

དེའི་དགོས་མཁོ།
དེ་བཞིན་བོད་ཀྱི་དཔེ་མཛོད་དང་། ས་རཱ་མཐོ་སློབ། ནུབ་ཕྱོགས་སློབ་གྲཱའི་ཁག་གི་ནང་ཡིག་རྒྱུགས་གཏོང་སྟངས་དང་སློབ་དེབ་སྒྲིག་སྟངས་ཐོག་ད་བར་གོ་རིམ་གཅིག་གྱུར་ཞིག་བྱུང་མེད་ཅིང་། གལ་ཏེ་དེ་ལྟར་ཞིག་བྱུང་བ་ན་ཡག་པོ་ཡོང་བ་འདུག་ཅེས་དྲན་མཁན་ཡང་མང་པོ་བྱུང་ཡོད། ད་བར་ནང་བསྟན་སྲི་ཞུ་ཁང་དུ་ CEFR གྱི་ཐོན་རྙིང་པ་བཀོལ་བཞིན་པ་ལས་ ༢༠༢༡ ལོའི་ཐོན་གསར་ཤོས་དེ་བེད་སྤྱོད་བྱེད་རྒྱུ་བྱུང་ན་ཞེས་རེ་བ་ཡང་བྱེད་མུས་རེད།

དེའི་དགེ་མཚན་དང་དམིགས་ཡུལ།
གལ་ཏེ་འཐུས་ཚང་ཞིག་བསྒྱུར་བ་ན། བོད་ཀྱི་སྐད་ཡིག་ཐོག་བསླབ་གཞིའི་རྩ་འཛིན་གཏན་འབེབས་ཀྱི་སྒྲོམ་གཞི་ཧྲིལ་པོ་ཞིག་ཆགས་ཐུབ་པ་དང་གཅིག སློབ་དེབ་སྒྲིག་མཁན་ལའང་ལམ་ཁ་གསལ་པོ་ཞིག་ཡོང་བ་དང་གཉིས། ཡིག་རྒྱུགས་གཏོང་མཁན་རྣམས་ལའང་རྒྱལ་སྤྱིའི་འགྲོ་སྟངས་དང་མཐུན་པའི་ཁེ་ཕན་བྱུང་བ་དང་གསུམ། རྒྱལ་སྤྱིའི་འགྲོས་དང་མཐུན་པའི་སྐད་ཡིག་གཞི་འཛིན་སའི་ལག་འཁྱེར་ཞིག་ཐོབ་པ་དང་བཞི། བོད་ཀྱི་སྐད་ཡིག་དང་འབྲེལ་བའི་ལས་ཀ་འཚོལ་མཁན་(དཔེར་ན། སྐད་སྒྱུར་ལས་གནས་ཤིག་ལ་མཚོན་ན། སྐད་ཡིག་གནས་ཚད་རྒྱལ་སྤྱིའི་འགྲོ་སྟངས་དང་མཐུན་པ་ཞིག་སླེབས་མིན་རྟོགས་ཐུབ་པ།) རྣམས་ལའང་སྐད་ཡིག་གི་གནས་ཚད་གང་དུ་སླེབས་མིན་རྟོགས་ཐུབ་པ་དང་ལྔ། སློབ་མ་ར་མཚོན་པ་ན། སློབ་སྦྱོང་མཐུད་མཚམས་དང་། ཁ་ཕྱོགས། མ་འོངས་པར་གང་ཞིག་སྦྱོང་དགོས་མིན་རྟོགས་ཐུབ་པ་དང་དྲུག་བཅས་དགེ་མཚན་བླ་ལྷག་ཏུ་ལྡན་ཡོད། དེར་བརྟེན་ཕྱིས་སུ་འཐུས་ཚང་ཞིག་བསྒྱུར་བ་ན་ཚང་མས་ཐུན་མོང་བཀོལ་སྤྱོད་ཐུབ་ཆེད་དུ། དྲ་ལམ་ཐོག་འཇོག་རྒྱུའི་འཆར་གཞི་ཡོད་ལ། དེས་ང་ཚོའི་ཚོགས་པ་ཙམ་མ་ཡིན་པར། བོད་ཀྱི་སྐད་ཡིག་སློབ་ས། གཞུང་འབྲེལ་ཚོགས་པ། ཕྱི་རྒྱལ་དུ་ཡོད་པའི་གཟའ་འཇུག་སློབ་མ་བཅས་ལའང་བེད་སྤྱོད་ཐུབ་པ་ཞིག་བྱུང་ན་ཞེས་སྙམ་པ་བྱུང་ལ། ཕྱིས་སུ་འབྲེལ་ཡོད་ཚང་མས་མཉམ་ལས་བྱེད་དེ་མུ་མཐུད་མཇུག་སྐྱོང་ལེགས་པ་ཞིག་ཐུབ་རྒྱུའི་དམིགས་ཡུལ་ཡོད།

3. ཐབས་ལམ་གཞན། Other options

དཀའ་ངལ་དེ་སེལ་བར་ཐབས་ལམ་གཞན་ཡང་ཡོད། དེ་ཡང་CEFR རྒྱ་ནག་(རྒྱ་ནག་ནང་དུ་རྒྱ་ནག་འཚོ་བ་དང་འབྲེལ་བ་་ཞིག་བསྒྱུར་ཡོད་རེད།)ཏུ་དེ་དང་ཆ་འདྲ་བ་ཞིག་ཡོད་པ་དང་། ཨ་རིར་ ILR ཞེས་པ་ཞིག་ཀྱང་ཡོད། དེ་ཙམ་མ་ཟད་སྐད་ཡིག་བྱེ་བྲག་རེ་རེར་ཡོད་པའི་ཚད་གཞི་འཇལ་སའི་ཡིག་ཆ་མ་འདྲ་བ་ཁག་ཡོད།

ཐབས་ཤེས་གཞན་ཡོད་ཀྱང་བེད་སྤྱོད་མ་བྱེད་པའི་རྒྱུ་མཚན་ནི།
CEFR ནི་ཡོ་རོབ་མཐུན་ཚོགས་ནང་གི་རྒྱལ་ཁབ་འདྲ་མིན་ལ་ཡོད་པའི་སྐད་ཡིག་སྣ་མང་ལ་གཞིགས་ནས་བསྒྲིགས་པ་དང་། CEFR ནི་གཞུང་དང་གཙུག་ལག་སློབ་གཉེར་ཁང་། ཚོགས་པ་མང་པོས་སྤྱི་མོས་ཀྱི་ཐོག་ནས་ངོས་འཛིན་ཡོད་པ་དང་། རྒྱལ་སྤྱིའི་ནང་འགྲོ་རྒྱུགས་ཆེ་བའི་ཡིག་ཆ་ཞིག་ཀྱང་ཡིན་སྟབས། ང་ཚོ་ལའང་རན་ཤོས་ཤིག་རེད་སྙམ། ཡིན་ནའང་། སྐྱོན་ཆ་ཞིག་ནི་བྱེད་ནུས་གསལ་བྱེད་འགའ་རེར་རིག་གཞུང་གི་འཚོ་བ་མི་འདྲ་བའི་བར་ཐག་ཡོད་པ་དེ་རེད།

4. མཐའ་འབྲས་ཀྱི་དམིགས་འབེན། Deliverable Targets

མཐའ་འབྲས།
གང་བསྒྱུར་དགོས་ཞེ་ན། - ཕྱི་ལོ་ ༢༠༢༠ CEFR ཡིག་ཆའི་ལྐུགས་པ་(SIGN LANGUAGE ལག་བརྡ། ལྐུགས་བརྡ། )ཡི་བྱེད་ནུས་གསལ་བྱེད་ཀྱི་རེའུ་མིག་ཕུད་པའི་དེ་མིན་བྱེད་ནུས་གསལ་བྱེད་ཆ་ཚང་བསྒྱུར་རྒྱུ།
སྤུས་ཚད་ཀྱི་ཚད་གཞི་ནི། -1. བྱེད་ནུས་རེ་རེའི་ནང་དོན་གྱི་ཐད་ནས་ཆད་ལྷག་མེད་པ། ཚིག་རེ་རེ་བཞིན་དུ་བསྒྱུར་མེད་ནའང་ནང་དོན་ཏག་ཏག་ཡོད་པ།
2. ཐ་སྙད་བདམས་བསེས་དང་བཤད་སྟངས་ཀྱི་ཐད་ནས་ངེས་པར་དུ་བོད་སྐད་ཀྱི་རང་གཤིས་ཀྱི་ཁྱད་ཆོས་དང་ལྡན་པ།
3. ནོར་འཁྲུལ་གྱི་ཐད་ནས་དག་ཆ་ནོར་བ། བརྡ་སྤྲད་ནོར་བ། ཚེགས་བར་ཆིག་སྟོང་རེ་རེ་ལ་ནོང་འཁྲུལ་? ཚིག་གྲུབ་ཆད་ལྷག་མེད་པ། གོ་བ་ལྡོག་ཕྱོགས་མེད་པ།
4. ?ཐ་སྙད་གཅིག་འགྱུར་མེད་པ།
གོ་དཀའ་ལོད། - བོད་ཁྱིམ་གྱི་འཛིན་རིམ་ལྔ་པའི་སློབ་མ་དཀྱུས་མ་ཞིག་གིས་འགྲེལ་བཤད་མི་དགོས་པར་གོ་བ་གསལ་པོར་ལེན་ཐུབ་པ།
བོད་ཡིག་འབྲི་སྟངས་ཀྱི་ཐད་ནས་ཚིག་སྒྲུབ་ཐུང་ལ། གཞུང་ལུགས་དང་ཡུལ་སྐད་ཀྱི་ཐ་སྙད་མེད་པ།
དེ་ནས་བོད་བསྒྱུར་ཟིན་པ་རྣམས་GITHUB ནང་བཞག་ནས་དྲ་རྒྱའི་ཐོག་འཇོག་དགོས་པ།
བྱེད་ནུས་གསལ་བྱེད་ཀྱི་གྲངས་ཀ་ཁྱོན། ༡༡༩༤།

5. ཚད་གཞི་འགྲེལ་བཤད་དང་དཔེ་མཚོན། Unit Definition and Examples

བོད་བསྒྱུར་ཚད་ལྡན་གྱི་ཚད་གཞི། ཚིག་སྒྲུབ་གང་ཐུང་ཐུང་། བསྟན་བཅོས་ཀྱི་ཐ་སྙད་མཁྲེགས་པོའི་རིགས་བཀོལ་སྤྱོད་བྱེད་མི་རུང་བ། ཆེད་དུ་རིག་གནས་མ་སྦྱོང་མཁན་ཞིག་ལའང་བདེ་བླག་ངང་རྟོགས་ཐུབ་པ་ཞིག་དགོས་པ། ཡིག་ཆའི་ཨ་མ་ནས་ཐད་བསྒྱུར་མ་ཡིན་པར་དོན་བསྒྱུར་ལ་གཙོ་གནད་བྱེད་དགོས་པ།
Pre-A1_Can recognize familiar words/signs accompanied by pictures, such as a fast-food restaurant menu
illustrated with photos or a picture book using familiar vocabulary.
ཐད་བསྒྱུར་གྱི་དཔེ་མཚོན།
Pre-A1_རྒྱུས་མངའ་ཅན་གྱི་ཐ་སྙད་བེད་སྤྱད་ཡོད་པའི་པར་རིས་དེབ་བམ། ཡང་ན་པར་གྱི་ལམ་ནས་བསྟན་པའི་མགྱོགས་ཟས་ཟ་ཁང་གི་ཟས་དེབ་ལྟ་བུ་པར་རིས་ཀྱིས་རམ་འདེགས་བྱེད་པའི་རྟགས་དང་རྒྱུས་མངའ་ཡོད་པའི་ཚིག་དག་ངོས་འཛིན་བྱེད་ཐུབ།
དོན་བསྒྱུར་གྱི་དཔེ་མཚོན།
Pre_A1 ངས་སྔོན་མ་ནས་རྒྱུས་ཡོད་པའི་ཚིག་གམ་ལམ་རྟགས་དང་སྒོ་རྟགས་ཀྱི་ཡི་གེ་པར་རིས་དང་མཉམ་དུ་ཡོད་ན་ངོས་འཛིན་བྱེད་ཐུབ་ཀྱི་ཡོད། དཔེར་ན། རི་མོའི་སྒྲུང་དེབ་བམ་པར་རིས་ཡོད་པའི་ཟ་ཁང་གི་ཟས་ཐོ་ལྟ་བུ།

6. ཚད་བཀག Constraints

འོག་གི་ཞབས་ཞུ་རིགས་གསུམ་ལས་གང་རུང་གཅིག་འདེམས་ནས་འགྲིག་རྟགས་✅འདི་རྒྱོབས། Pick one of the 3 following options and add ✅:

  • སྤུས་ལེགས། ཁེ་པོ། ཧ་ཅང་འགོར་པོ། Good & Cheap won't be Fast: ✅
  • མགྱོགས་པོ། སྤུས་ལེགས། གོང་ཆེན། Fast & Good won't be Cheap:
  • ཁེ་པོ། མགྱོགས་པོ། སྤུས་ཀ་ཞན་པོ། Cheap & Fast won't be Good:

འོག་གི་ཚན་པ་གསུམ་དེ་ཁ་གསལ་དོན་བསྡུས་རེ་ཕྲིས། Fill in the following.

  • 🕑 དུས་བཀག Deadline: 30th DEC,2022
  • 💵 འགྲོ་སོང་གི་མང་མཐའ། Budget limit: 6 months of salary for one person
  • 👌 དམའ་མཐའི་སྤུས་ཚད། Minimum Quality : སྤུས་ཁ་ཧ་ལས་པའི་ཡག་པོ།

7. བརྡ་ཆད་ཀྱི་འགྲེལ་བཤད། Keyword definitions

  • བྱེད་ནུས་གསལ་བྱེད། CEFR གྱི་རེའུ་མིག་གི་སྒམ་རེ་རེར་བྱེད་ནུས་གསལ་བྱེད་རེ་རེར་བརྩིས་ཀྱི་རེད། ཡང་ན་Github ཡིག་ཆའི་ཐིག་ཕྲེང་རེ་རེར་བྱེད་ནུས་གསལ་བྱེད་རེ་རེར་བརྩིས་ཀྱི་རེད། དཔེར་ན། གཤམ་གསལ་གྱི་དཔར་རིས་ནང་བྱེད་ནུས་གསལ་བྱེད་གསུམ་ཡོད།
    image
  • ༢༠༢༠ ལོའི་CEFR ཡིག་ཆ། དྲ་ཐག

8. ངེས་མེད་ཀྱི་གནད་དོན། Unknowns

དཀའ་ངལ་གང་ཞིག་འབྱུང་སྲིད་པ་དང་། ནང་བསྟན་སྲི་ཞུ་ཁང་གིས་དེ་དག་ཅི་ལྟར་སེལ་ཐུབ། གོང་གི་སྡེ་ཚན་ཁག་གི་ནང་མ་འདུས་པའི་དོགས་འདྲི་རིགས་ཡོད་དམ། What might go wrong and what can Esukhia do to reduce those risks? What unanswered questions do you have, if any?

  • ལས་མིའི་གླ་ཆ་གཞི་གང་ལ་འཛིན་དགོས། ཆུ་ཚོད།
  • དུས་བཀག་ནང་གལ་ཏེ་མ་ཚར་ན། དངུལ་མ་རྫོགས་པར་ལས་བྱེད་དགོས་པ།
  • གལ་ཏེ་དུས་བཀག་ལས་སྔ་བ་ཚར་བ་སྟེ། ལས་ཀའི་དུས་ཡུན་ལྷག་ཡོད་ན་གང་ཞིག་བྱེད་དགོས་པ། རྒྱུགས་ཤོག་ཐོག་ལས་དགོས་པ།
  • བྱེད་ནུས་གསལ་བྱེད་རྣམས་དོན་བསྒྱུར་རན་པ་ཞིག་མ་བྱུང་ན། དོན་བསྒྱུར་བྱེད་ཐུབ་མཁནཞིག་ལ་རྩིས་སྤྲོད་བྱེད་དགོས་པ། གཟའ་འཁོར་རེ་རེའི་ནང་བསྐྱར་ཞིབ་བྱེད་རྒྱུ། སྒྱུར་སྟངས་ཡར་རྒྱས་གཏོང་བར་ལམ་སྟོན་དང་། བསམ་འཆར་བཏོན་ནས་བདུན་ཕྲག་གཉིས་ནང་དུ་ཡར་རྒྱས་མ་བྱུང་ཚེ། གཞན་ཞིག་འཚོལ་རྒྱུ། རན་པའི་ལས་གཞི་ཞིག་སྤྲོད་རྒྱུ། དེ་ཡང་མ་བྱུང་ན་ཐུགས་རྗེ་ཆེ་དང་བཀྲིས་བེད་ལེགས་བཅས་ཞུ་སྟེ་ཕེབས་སྐྱེལ་བྱེད་རྒྱུ།
  • སྐད་སྒྱུར་བས་གོ་བ་ཏག་ཏག་མ་ལོན་ཚེ། གོ་བ་ཏག་ཏག་ལོན་ཡོད་མེད་ཐད་ Quality Control བྱེད་མཁན་ཞིག་དགོས།